《孔乙己》藏译评析PDF


时间:2018年10月1日  |   作者:夏吾卓玛措   |   来源:  |   阅读:578  |   评论:0

༄༅། །《ཁུང་དབྱི་ཅི》ཞེས་པའི་འགྱུར་རྩོམ་ལ་རགས་ཙམ་དཔྱད་པ།
ཤ་བོ་སྒྲོལ་མ་མཚོ་ལགས་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི2012ལོའ་ིརབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན།
དང་པོ། 《ཁུང་དབྱི་ཅི》ཞེས་པའི་སྒྲུང་གཏམ་གྱི་བརྗོད་བྱ་གཙོ་བོ་དང་ཁྱད་ཆོས་བརྗོད་པ། སྤྱིར་འགྱུར་ལ་དཔྱད་པ་གཏོང་བ་ཡིན་ན། མ་རྩོམ་གྱི་རྩོམ་པ་པོའ་ི ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་བབ། རྩོམ་པ་
པོའ་ི དགོངས་དོན་བཅས་ལ་གོ་བ་ཟབ་མོ་ཞིག་ལོན་དགོས།《ཁུང་དབྱི་ཅི》ཞེས་པའི་སྒྲུང་གཏམ་ནི་རྒྱའི་རྩོམ་རིག་པ་གྲགས་ཅན་དང་ལོ་ཙཱ་པ་ཆེན་མོ་སྐུ་ཞབས་ལུའུ་ཞུན་ལགས་ཡིན་ལ། དེ་ཡང་ཁོང་གི་མིང་དུ་གྲགས་པའི་སྒྲུང་གཏམ་གྱི་གྲས་ཤིག་ཡིན། སྐུ་ཞབས་ལུའུ་ཞུན་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་བརྒལ་བའི་དེང་རབས་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་དང་།གསར་བརྗེ་སྙིང་སྟོབས་དགུང་ལ་བསྙེགས་པའི་རྩོམ་རིག་པའི་ཚབ་བྱེད་མི་སྣ་གཙོ་བོ་ཞིག་ཡིན་པས། ཁོང་གིས་འདེམ་གྲུག་ལམ་ལུགས་ལས་མིང་མཐར་ལྷུང་མཁན་ཁུང་དབྱི་ཅི་ལྟ་བུའི་དཔེ་ཆ་པ་ཞིག་གི་མི་ཚེའི་སྐྱོ་སྒྲུང་བྲིས་པ་བརྒྱུད་ནས་དེའི་དུས་སུ་འདེམ་གྲུག་ལམ་ལུགས་ཀྱིས་དཔེ་ཆ་པ་དག་ལ་བཞག་པའི་ཤན་ཤུགས་གསལ་ལེར་མངོན་པ་དང་། དེ་དང་མཉམ་དུ་ལམ་ལུགས་དེ་ལས་སྐྱོ་གདུང་གིས་ཁེངས་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་ལ་སུན་འབྱིན་བྱས་ཡོད།གཞུང་དངོས་སུ་ཐོག་མར་རང་བྱུང་ཚན་པ་དང་པོ་ནས་གསུམ་པའི་བར་དུ་ལུའུ་ཀྲིན་གྲོང་ཁྱེར་གྱི་ཆང་ཁང་གི་བཀོད་པ་དང་དེར་སླེབས་པའི་མགྲོན་པོ་དག་གི་ཕྱིའི་རྣམ་པ། དོན་རྐྱེན་དེ་བྱུང་བའི་ཁོར་ཡུག་དང་བྱུང་རིམ་ཁྲོད་ཀྱི་འགྱུར་ལྡོགདེ་ལས་མི་སྣ་གཙོ་བོ་ཁུང་དབྱི་ཅི་ངོ་སྤྲོད་བྱས་ཡོད། བར་དུ་རང་བྱུང་ཚན་པ་བཞི་པ་ནས་དགུ་པའི་ནང་མི་སྣ་གཙོ་བོ་ཁུང་དབྱི་ཅིའི་བྱ་སྤྱོད་དང་གྱོན་ཆས། སྐད་ཆ། མཚང་མིང་བཅས་ཞིབ་འབྲི་བྱས་ཏེ་ཁོའ་ི རང་གཤིས་ཇི་འདྲ་ཞིག་ཡིན་
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་ཨ་མེ་རི་ཁའི་ལོ་ཙཱའི་དཔྱད་བརྗོད་པ་ཆེན་མོ་པཱ་ཐི་ཉིའུ་མཱ་ཁོའུ་ཡི་རང་ལུགས་ཏེ་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་བྱེད་ཐབས་སྤྱད་དེ། 《ཁུང་དབྱི་ཅི》ཞེས་པའི་སྒྲུང་གཏམ་གྱི་མ་རྩོམ་དང་། རྩོམ་པ་པོའ་ིཀུན་སློང་། རྩོམ་ལུས་དང་ཀློག་པ་པའོ ་ིཚོར་སྣང་བཅས་ལ་དཔྱད་པར་མ་ཟད། ད་དུང་འགྱུར་རྩམོ ་ལས་སྤྱད་པའི་སྒྱུར་ཐབས་དང་ཁྱད་ཆསོ ། འགྱུར་གྱི་སྤུས་ཀ་ལ་གདེང་འཇགོ ་བཅས་ཀྱི་ཆ་ནས་འགྱུར་རྩོམ་གྱི་སྐྱོན་ཡོན་བརྗོད་ཡོད།
[གནད་ཚིག] ཁུང་དབྱི་ཅི། འགྱུར་རྩོམ། གཤིབ་སྡུར།
ཤ་བོ་སྒྲོལ་མ་མཚོ།

更多内容请查看PDF

编辑: